情洒嘎域 与爱同行――三叶草爱心公益物资发放仪式

前缘今生续

དུང་བ་སྒ་ཡུལ་ལ་འབུལ་ཞིང་། བརྩེ་བ་དང་མཉམ་དུ་འགྲོགས་ནས་ཡོད། སཱན་ཡེ་ཚའོ་བྱམས་སེམས་སྤྱི་ཕན་དངོས་ཟོག་གནང་སྦྱིན་མཛད་སྒོ

བརྩེ་སེམས་འོ་མའི་རྒྱུན་ལ། བཅུད་ཀྱི་དྭངས་མ་ལུས་ཡོད།བརྩེ་བའི་མཛད་པས་བསྐྱངས་ན། རེ་བའི་འབྲས་བཟང་སྨིན་ངེས། ཟླ༤བའི་ཚེས༡༢ཉིན་གྱི་སྔ་དྲོར། དྲན་ཆེན་གྲོང་རྡལ་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭས་སཱན་ཡེ་ཚའོ་བྱམས་སེམས་སྤྱི་ཕན་གྱིས་ཁྲི་འདུའི་འབྲོག་ཁུལ་གྱི་སློབ་གྲྭ་གསུམ་གྱི་དབུལ་ཕོངས་སློབ་མ་རྣམས་ལ་བརྩེ་བའི་དངོས་ཟོག་གནང་སྦྱིན་བྱེད་པའི་མཛད་སྒོ་སྤེལ། ཅུའུ་ཀྲང་དཔལ་བཀྲ་ཤིས་བྱེད་སྒོའི་གསར་འཛུགས་མཁན་སྐུ་ཞབས་ཧའོ་ཕིན་དང་མཉམ་དུ་མཛད་སྒོར་ཞུགས་ཤིང་། རོགས་སྐྱོར་དངོས་ཟོག་གནད་སྦྱིན་བྱས།

授人玫瑰,手有余香;奉献爱心,收获希望。4月12日上午,在珍秦镇中心寄校举行了三叶草爱心公益向称多三所牧区贫困学生献爱心物资发放仪式,巴扎西局长陪同活动发起人翟鹏先生出席仪式并发放了捐助物资。

མཛད་སྒོའི་སྟེང་དཔལ་བཀྲ་ཤིས་ཀྱིས་ཁྲི་འདུ་རྫོང་དགེ་སློབ་ཡོངས་ཀྱི་ཚབ་བྱས་ནས་ཀྭང་ཏུང་སཱན་ཡེ་ཚའོ་ཡི་བྱམས་སེམས་རོགས་སྐྱོར་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་དང་། རོགས་སྐྱོར་ཐོབ་པའི་སློབ་མ་རྣམས་ཀྱིས་དྲིན་གང་ན་ཡོད་པ་དང་། གང་ནས་ཡོང་བ། རྒྱུན་དུ་དྲིན་ཤེས་བཅངས་ནས་བརྩོན་འགྲུས་བརྩམས་ཏེ་གཡུར་དུ་ཟ་བའི་འབྲས་བུ་ཡིས་སྤྱི་ཚོགས་དང་བྱམས་བརྩེའི་མི་སྣ་ལ་དྲིན་ལན་འཇལ་དགོས་པའི་རེ་བ་བཏོན།

仪式上,巴扎西局长代表全县师生对广东三叶草的爱心捐助表示了由衷的感谢,并希望受助学生一定要知晓惠在何处、惠从何来,常怀感恩之心,努力学习,积极进取,志存高远,以优异的成绩回报社会,回报爱心人士。

ཅུའུ་ཀྲང་དཔལ་བཀྲ་ཤིས་ཀྱིས་སློབ་གྲྭའི་སློབ་གསོའི་སྤུས་ཚད་དང་དོ་དམ་ཆུ་ཚད་ཇི་ལྟར་མཐོར་འདེགས་སུ་གཏོང་བའི་སྐོར་ནས་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་བཏོན། ཁོང་གིས་གསུང་རྒྱུར།ཏང་གི་འཛུགས་སྐྲུན་ནི་སྲོག་ཤིང་ཡིན་པས་ལམ་ལུགས་དང་སྒྲིག་སྲོལ་བཙུགས་ནས་ཏང་འཛུགས་བྱ་བ་དོན་འཁྱོལ་ཡོང་བར་དམ་འཛིན་བྱ་དགོས་ཤིང་། བདེ་འཇགས་སློབ་གསོ་ནི་སློབ་གྲྭའི་བྱ་བ་གལ་ཆེན་ཡིན་པས་རྒྱུན་དུ་ཉེན་བརྡ་གཏོང་ཞིང་མཉམ་དུ་དམ་འཛིན་དང་། རྒྱུན་འཁྱོངས་ལྷོད་མེད་བྱས་ནས་སློབ་རའི་བདེ་འཇགས་ཁག་ཐེག་བྱ་དགོས་པ་དང་། སློབ་གྲྭའི་རྒྱུན་ལྡན་གྱི་དོ་དམ་བྱ་བ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་རྐྱེན་སྲོལ་བཙུགས་ཤིང་། འཆམ་མཐུན་གྱི་སློབ་གསོ་སློབ་ཁྲིད་ཁོར་ཡུག་ཤུགས་ཆེན་པོས་བསྐྲུན་ནས་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བར་འབད་འབུངས་བྱ་དགོས།

巴扎西局长还从学校如何提高教育质量、提升管理水平几方面提出了指导性意见。巴扎西局长指出,党的建设是核心,要通过建章立制,抓好各项党建工作的落实;安全工作是学校的头等大事,一定要警钟长鸣,齐抓共管,常抓不懈,确保校园安全;学校常规管理工作要建立常态化、长效化机制,大力营造和谐的教育教学环境,努力提高教学质量。

བྱམས་སེམས་ཀྱིས་མི་གསོ་སྐྱོང་བྱེད་པའི་ལྕགས་རི་རིང་བོ་བསྐྲུན།

一片爱心筑育人长城......

ཐོག་མར་ཅུའུ་ཀྲང་དཔལ་བཀྲ་ཤིས་འཛིན་གྲྭར་ཕེབས་ཤིང་། གཅིག་གིས་གཅིག་ལ་ཁ་གཏད་པའི་བསམ་བློ་བརྗེ་རེས་དང་དྲི་བ་བཏོན་པའི་ཐབས་ལ་བརྟེན་ནས་སློབ་གྲྭའི་སློབ་ཁྲིད་བྱ་བར་ལྟ་ཞིབ་དང་མཛུབ་སྟོན་བྱས།

首先巴扎西局长深入班级,通过“一对一”提问和互动交流等方式,对学校教学工作进行了检查指导。

ཐེངས་འདིའི་བྱམས་སེམས་རོགས་སྐྱོར་དང་བརྟག་དཔྱད་ཞིབ་འཇུག་གིས་སློབ་གྲྭར་རིན་བྲལ་གྱི་བསམ་འཆར་བསྩལ་བ་མ་ཟད། སློབ་གྲྭས་མི་གསོ་སྐྱོང་བྱེད་པའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། སློབ་ཁྲིད་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། སློབ་མའི་ཀུན་སྤྱོད་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བ་བཅས་ལ་ཁ་ཕྱོགས་ངེས་གསལ་བྱས། ཧྲུའུ་ཅི་ཕུར་སྐྱབས་དང་སློབ་གྲྭའི་མགོ་ཁྲིད་རྣམས་ཀྱིས་ཀྱང་ཐེངས་འདི་བརྟག་དཔྱད་ཞིབ་འཇུག་བྱས་པའི་གོ་སྐབས་བཟང་པོ་བེད་སྤྱོད་གང་ལེགས་བྱས་ཤིང་། ལྷག་བསམ་གྱི་དགའ་མོས་དང་། གཟབ་ནན་གྱི་རྣམ་འགྱུར། དངོས་སྒྲུབ་ཀྱི་སྙིང་སྟོབས་བཅས་ཀྱིས་སློབ་གསོ་སློབ་ཁྲིད་བྱ་བར་ཞུགས་ནས་མི་གཤིས་སྐྱོང་ཞིང་དཔེ་ཁྲིད་སློབ་གསོ་གཏོང་བའི་གཟི་བརྗིད་ཀྱི་ལས་འགན་དངོས་སུ་ལག་བསྟར་བྱས་ནས་མི་དམངས་ཀྱིས་ཡིད་ཚིམ་པའི་སློབ་གྲྭ་བསྒྲུབ་དགོས།

这次爱心捐助和调研不仅给学校留下了宝贵的建议,而且也对学校不断优化育人环境,深化教学改革,全面提升学生素养等方面明确了方向,普夏书记以及学校各中层领导们表示学校将以此调研为契机,以更饱满的热情、严谨的态度、实干的精神,投身教育教学工作中,切实肩负起立德树人、教书育人的光荣职责,办人民满意的学校。

ད་ལོའི་ལོ་མགོར་རང་རེ་རྫོང་གི་འབྲོག་ཁུལ་གྲོང་རྡལ་གསུམ༼རྫ་སྟོད་དང་། དྲན་ཆེན། བདམས་ཟླ༽གྱི་གནོད་ཐེབས་གནས་ཚུལ་ཅུང་ཚབས་ཆེན་ཡིན་པས་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་རྒྱ་ཆེར་ཐོབ། གནོད་ཐེབས་ས་ཁུལ་གྱི་བྱམས་བརྩེའི་རོགས་སྐྱོར་དངོས་སུ་ལེགས་པོར་སྒྲུབ་ཆེད་ཁུལ་སློབ་གསོ་ཅུའུ་ཅུའུ་ཀྲང་གཞོན་པ་བུ་བསོད་ཀྱིས་འབྲེལ་ལམ་བཙུགས་པར་བརྟེན་ནས་ཀྭང་ཏུང་སཱན་ཡེ་ཚའོ་བྱམས་སེམས་རུ་ཁག་གིས་དཀའ་བ་ཁྱད་དུ་བསད་ནས་གནོད་ཐེབས་ས་ཁུལ་དུ་འབྱོར་ཞིང་། རང་རེའི་རྫོང་གི་གནོད་ཐེབས་ས་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་ལ་སྒོར་ཁྲི7ལྷག་གི་བྱིས་པའི་གྱོན་གོས1500དང་སྒོར་ཁྲི17ལྷག་གི་བྱིས་པའི་འཇུར་རྟ1700གནང་སྦྱིན་བྱས་པས་སློབ་མ1000ལྷག་ལ་ཕན་ཆེན་པོ་ཐོགས།

今年年初我县牧业三镇(扎朵、珍秦、清水河)受灾情况较为严重,引起了社会各界的广泛关注,为切实做好对灾区的关爱帮扶,通过州教育局布索副局长的牵线搭桥,广东三叶草爱心团队不辞幸劳,亲赴一线,为我县受灾乡镇贫困家庭学生发放了价值7万余元的1500件童装(含大号400件)及价值17万余元的1700双童靴,惠及学生1000余人。

ཐེངས་འདིའི་བྱེད་སྒོ་ནི་འབྲོག་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་རྣམས་ལ་བརྩེ་སེམས་དང་དྲོད་ཁོལ་སྦྱིན་པའི་སྙིང་རྗེའི་བྱ་གཞག་ཡིན། མ་འོངས་པར་ང་ཚོས་ཐབས་མང་མཉམ་སྤྱོད་བྱས་པ་ལ་བརྟེན་ནས་སློབ་མ་རྣམས་ཀྱིས་སློབ་སྦྱོང་ལ་འབད་འབུངས་བྱས་ཏེ་གཡུར་དུ་ཟ་བའི་སྦྱངས་འབྲས་ཀྱིས་སྤྱི་ཚོགས་ལ་དྲིན་འཇལ་དགོས་པར་སྐུལ་མ་གཏོང་རྒྱུ་ཡིན།

此次活动是对牧区贫困家庭孩子送暖献爱的善举,今后我们将多措并举,鼓励学生勤奋学习,以优异的成绩回报社会。